མངོན་འདོད་གནས་ཚུལ་མཁོ་སྤྲོད།
དྲ་རྒྱ་འདིའི་སྒྲོམ་གཞི་དང་། ནང་དོན་དཀར་ཆག དེ་བཞིན་ནང་དོན་གྱི་དཔེ་མཚོན་སྙིང་བསྡུས་རྣམས་ལ་བེད་སྤྱོད་གཏོང་མཁན་ཚང་མས་རིན་མེད་ཐོག་འཛུལ་ཞུགས་ཀྱིས་བེད་སྤྱོད་བྱེད་ཆོག
བརྒྱུད་ལམ་འདིའི་བརྗོད་བྱ་དངོས་རྣམས་༼གཤམ་དུ་"ནང་དོན་གྲུབ་ཆ་"ཞེས་ཐ་སྙད་བྱས་ཡོད་པ་༽ནི་ཆོག་མཆན་ཡོད་པའི་བེད་སྤྱོད་གཏོང་མཁན་ཁོ་ནས་བེད་སྤྱོད་བྱེད་ཆོག ཆོག་མཆན་ཡོད་པའི་བེད་སྤྱོད་བྱེད་མཁན་ཞེས་པའི་གོ་དོན་ནི:
གང་ཟག་སྒེར་པ་གང་ཞིག་ཚད་ལྡན་གྱི་སློབ་གྲྭའམ་སྒྲིག་འཛུགས་ཤིག་དང་འབྲེལ་བ་ཡོད་པ་བརྒྱུད་ནས། བདེ་འཇགས་ཅན་གྱི་དྲ་རྒྱའམ་ཡང་ན་བར་གནས་ཀྱི་དྲ་བ་ཞབས་ཞུ་འཕྲུལ་ཆས་བརྒྱུད་དེ། (གཤམ་དུ་ཞིབ་ཕྲ་འཁོད་པའི་བཀོལ་སྤྱོད་ཆ་རྐྱེན་ལ་གནས་དགོས་པའི་ཐོག་ནས།) བོད་ཀྱི་གནའ་བོའི་ཤེས་ཡོན་གྱི་རིག་མཛོད་ཀྱི་ནང་དོན་ལ་བལྟ་ཀློག་བྱ་རྒྱུའི་དབང་ཆ་ཡོད།
སྒེར་གྱི་གློག་འཕྲིན་ཐོ་འགོད་དམ། དཔྱ་ཁྲལ་ཆ་ཚང་ཡོད་པའི་གང་ཟག་སྒེར་པ།
ད་ལྟའི་ཚོགས་མི་རྣམས་ལ་བོད་ཀྱི་གནའ་བོའི་ཤེས་ཡོན་གྱི་རིག་མཛོད་ལ་བལྟ་ཞིབ་བྱེད་ཆོག་པའི་ཕྱིར་བསྐོ་གཞག་གནང་བའི་མཐུན་ཚོགས་ཤིག་གི་ཚོགས་མི་ཡིན་པའི་མི་སྒེར།
བོད་ཀྱི་གནའ་བོའི་ཤེས་ཡོན་གྱི་རིག་མཛོད་ཀྱི་དྲ་ཚིགས་ཐོག་གི་བརྙན་འཕྲིན་ནམ་སྒྲ་འཇུག་སོགས་ཀྱི་བརྡ་ཆས་བྱེ་བྲག་པ་གཅིག་གམ་དུ་མར་བལྟ་ཞིབ་བྱེད་པའི་ཐོབ་ཐང་ཉོས་པ་དང་། Orient Foundation for Arts and Culture གྱི་བཀའ་འཁྲོལ་གནང་བ་ལྟར་བརྡ་ཆས་དེ་དག་ལ་བལྟ་ཞིབ་བྱེད་མཁན།
དཔེ་ཀློག་པ་དང་། བླ་མ། དགེ་འདུན། བཙུན་མ། ལོ་ཙཱ་བ། སློབ་མ་བཅས་རྒྱ་གར། རྒྱ་ནག། བལ་ཡུལ། འབྲུག། ཨུ་རུ་སུ། སོག་ཡུལ་བཅས་ཀྱི་བོད་བརྒྱུད་ནང་བསྟན་ནམ་བོན་གྱི་དགོན་པའམ་བཙུན་དགོན། ཡང་ན་གཙུག་ལག་སློབ་གཉེར་ཁང་དང་། དེ་བཞིན་བོད་ཀྱི་གསོ་བ་རིག་པ་དང་སྒྱུ་རྩལ་སྦྱོང་བརྡར་བསྟི་གནས་ཁང་སོགས་སུ་འབྲེལ་བ་ཡོད་པ་རྣམས་ལ་ཐོ་འགོད་རིན་མེད་ཡིན། མ་དངུལ་གྱི་མཐུན་རྐྱེན་མུ་མཐུད་དེ་ཡོད་བཞིན་པའི་སྐབས་འདིར། འཛམ་གླིང་ཡོངས་ཀྱི་བོད་རིག་པ་དང་འབྲེལ་བའི་གཙུག་ལག་སློབ་གྲྭ་ཆེན་མོའམ་སློབ་གཉེར་ཁང་གཞན་དག་ལ་འབྲེལ་བ་ཡོད་པའི་མཁས་དབང་དང་སློབ་མ་རྣམས་ཀྱི་ལོ་འཁོར་ཚོགས་དངུལ་ཆ་ཚང་ཕྱིར་འཐེན་བྱེད་བཞིན་ཡོད། ཐུགས་སྣང་གནང་དགོས་པ་ནི་ཆ་འཇོག་ཡོད་པའི་ཤེས་ཡོན་སྒྲིག་འཛུགས་དང་འབྲེལ་བ་ཡོད་པའི་གང་ཟག་ཁོ་ན་ལས་ཐོ་འགོད་གནང་མི་མཆོག གལ་ཏེ་ཁྱེད་རང་ད་ལྟ་ཆ་འཇོག་ཡོད་པའི་ཤེས་ཡོན་སྒྲིག་འཛུགས་ཤིག་དང་འབྲེལ་བ་མེད་ཚེ། ང་ཚོས་ཁྱེད་ཀྱི་སྙན་ཞུར་བསམ་གཞིགས་བྱ་རྒྱུ་ཡིན། འོན་ཀྱང་ཐོག་མར་ང་ཚོར་ཡི་གེ་བྲིས་ཏེ་ཁྱེད་རང་གིས་བོད་ཀྱི་གནའ་བོའི་ཤེས་ཡོན་གྱི་རིག་མཛོད་བེད་སྤྱོད་གཏོང་བར་ཐོ་འགོད་བྱེད་འདོད་པའི་རྒྱུ་མཚན་ང་ཚོར་འགྲེལ་བརྗོད་གནང་རོགས།