Classical Tibetan Knowledge Archive

ནང་འཛུལ་བྱས་མེད་པ།

བྱོན་པ་ལེགས།

བོད་ཀྱི་ཆེས་མཐོའི་སྲོལ་རྒྱུན་རིག་གནས། སྣེ་མང་རྒྱུད་ལམ་གྱི་ཐོག་ནས་སློབ་གཉེར་བྱེད་སའི་རིག་མཛོད།

ཕྱོགས་བསྡུས་གཙོ་བོ།

ངག་ཐོག་འགྲེལ་བ།

དུས་རབས་ཉི་ཤུ་དང་ཉི་ཤུ་རྩ་གཅིག་ནང་བོད་ཀྱི་ཕུལ་བྱུང་གི་བླ་མ་དང་། མཁས་དབང་། སྨན་པ། སྒྱུ་རྩལ་པ་རྣམས་ཀྱིས་རྒྱ་གར་དང་། བོད། ཧི་མ་ལ་ཡ་མངའ་ཁུལ་བཅས་ཀྱི་གཞུང་ཆེན་དཔེ་དེབ་རྣམས་ལ་ངག་ཐོག་ནས་བསྩལ་བའི་འགྲེལ་བ་ཆུ་ཚོད་ ༡༤༥༠༠ ཡོད། ཆོ་ག་ཕྱག་ལེན་དང་འབྲེལ་བའི་སྒྱུ་རྩལ་ཕྱོགས་བསྒྲིགས།

ཆོ་ག་ཕྱག་ལེན་དང་འབྲེལ་བའི་སྒྱུ་རྩལ་ཕྱོགས་བསྒྲིགས།

ཆོས་ཕྱོགས་དང་འབྲེལ་བའི་འཆམ། རོལ་མོ། རྟ་དབྱངས། དེ་བཞིན་ཆོ་ག་དང་འབྲེལ་བའི་སྒྱུ་རྩལ་རྣམས་སྒྲ་འཇུག་བྱས་པ་དང་གཟུགས་མཐོང་བརྙན་དཔར་དུ་བཀོད་པའི་གློག་བརྙན་ཆུ་ཚོད་ ༦༠༠ ཡོད།

རིམ་པ་གཉིས་པའི་ཕྱོགས་བསྡུས།

དཔེ་དེབ།

རྒྱ་གར་དང་བལ་ཡུལ་གྱི་འབྲེལ་ཡོད་དཔེ་མཛོད་ཁང་ནས་བྱུང་བའི་ཆོ་ག་ཕྱག་ལེན་དང་རོལ་དབྱངས་དང་འབྲེལ་བའི་དཔེ་དེབ་རྣམས་བེད་སྤྱོད་དང་ཕབ་ལེན་གྱི་མཐུན་རྐྱེན་རིམ་བཞིན་འཕེལ་རྒྱས་སུ་འགྲོ་བ་ཞིག་བཟོས་ཡོད་པར། རྒྱལ་སྤྱིའི་གློག་རྡུལ་དཔེ་དེབ་རྣམས་འབྲེལ་ཡོད་སྒྲ་དང་གཟུགས་མཐོང་བརྙན་འཕྲིན་དང་མཉམ་དུ་“བོད་ཀྱི་གཞུང་ཆེན་ཤེས་ཡོན་ཕྱོགས་བསྡུས་”ཀྱི་ལས་གཞིའི་སྡེ་ཚན་ནང་དུ་ལྟ་ཐུབ།

པར་ཕྱོགས་བསྡུས།

མི་དང་ས་ཆ། སྨན་གྱི་རྩི་ཤིང་། དགོན་པའི་བྱེད་སྒོ་ལས་རིམ། ཆོ་ག་ཕྱག་ལེན་དང་འབྲེལ་བའི་སྒྱུ་རྩལ་བཅས་ཀྱི་འདེམས་བསྒྲིགས་བྱས་པའི་པར་ ༡༨༠༠༠ ཡོད།